ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་བོད་མི་རིགས་ཤིག་ཡིན་ཕྱིན། རང་ཉིད་ཀྱི་ཆོས་ལུགས་དང་། མི་རིགས་ལ་དད་འདུན་དང་ཤ་ཚ། ལར་ཞིན་ཆེན་པོ་ཡོད་ངེས་པ་མ་ཟད། དེ་གཉིས་ཀྱི་ཁེ་ཕན་སྲུང་སྐྱོབ་ཆེད་རང་སྲོག་ཀྱང་བློས་གཏོང་སྲིད།

ངས་རྒྱ་སྐད་བཤད་ཤེས་པ་ནི་ངའི་འཇོན་ཐང་དང་ཡོན་ཏན་རེད། གལ་སྲིད་མ་ཤེས་ནའང་ངོ་ཚ་དགོས་དོན་མེད། འོན་ཀྱང་གལ་སྲིད་ངས་བོད་སྐད་དང་བོད་ཡིག་མ་ཤེས་པ་ཡིན་ན། དེ་ནི་ངའི་ཞབས་འདྲེན་པས་ང་རང་ངོ་ཚ་དགོས་པ་ཞིག་རེད།

ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས།