བཀའ་བརྒྱུད་ཡོན་ཏན་རྒྱ་མཚོ་གླིང་དགོན་པར་བཀོད་མཆོད་འབུལ་སྨོན་ལམ་བཀོད་སྒྲིག

འདི་ག་སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས་ཀྱིས ༢༠༡༨ ཟླ ༣ ཚེས ༨ ཉིན་ཨ་མདོ་རྔ་པ་རྨེའུ་རུ་མའི་རུ་ཆེན་ལྔ་པ་ནས་ཡིན་པ་ཚེ་ཁོ་ལགས་ཀྱིས་གཙོས། ད་བར་དུ་བོད་བསྟན་པ་ཆབ་སྲི་དང་། རང་དབང་འཐབ་རྩོད་ཆེད་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་ཆེས་དྲག་རྩུབ་ཅན་གྱི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་གནང་མཁན་རྣམས་ཀྱི་སོ་སོའི་ལུས་སྲོག་ལོངས་སྤྱོད་ཐམས་ཅད་བློས་བཏང་གནང་མཁན་རྒྱལ་གཅེས་དཔའ་པོ་དཔའ་མོ་དག་ལ་གདུང་སེམས་མཉམ་བསྐྱེད་ཆེད་མྱ་ངན་རྗེས་དྲན་དང་། ཞེ་དགུའི་མཆོད་འབུལ་སྨོན་ལམ་ཞིག་དེ་རིང་རེས་གཟའ་ཉི་མའི་ཞོགས་པ་ཆུ་ཚོད་ ༡༠།༠༠ ནས་ཉིན་རྒྱབ་ཆུ་ཚོད་ ༡༣།༠༠ བར། བཀའ་བརྒྱུད་ཡོན་ཏན་རྒྱ་མཚོ་གླིང་དགོན་པར་བཀོད་སྒྲིག་སྲུང་བརྩི་ཞུས།

༢༠༡༨ ཟླ་ ༤ ཚེས་ ༨ ཉིན།