༄༅། །བཀུར་འོས་སྦེལ་ལྗམ་དུ་གནས་བཞུགས་མདོ་སྨད་པ་གཙོས་པའི་བོད་རིགས་སྤུན་ཟླ་ཡོངས་ཀྱི་སྙན་ལམ་དུ།
ཆེད་ཞུ། ཀུན་གྱིས་མཁྱེན་གསལ་ལྟར། རང་ཅག་ཁ་བ་ཅན་པ་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ། འཕགས་མཆོག་ཕྱག་ན་པདྨོ་རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཆོག་གི་སྐུའི་འཁྲུངས་སྐར་བསུ་བའི་ཆེད། སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས་ནས་ལོ་ལྟར་འཁྲུངས་ལྷ་དབྱར་གསོལ་གྱི་སྤྲོ་སྐྱིད་རེ་གོ་སྒྲིག་བྱེད་སྲོལ་ཡོད་པ་བཞིན། ད་ལོ་མགོན་པོ་མཆོག་དགུང་ལོ་དགུ་བཅུ་ལ་ཕེབས་ཀྱི་ཡོད་ཙང་། ༸སྐུའི་གོ་སྟོན་དང་འབྲེལ་འཁྲུངས་ལྷ་དབྱར་གསོལ་གྱི་མཛད་རིམ་གྲ་རྒྱས་པོ་ཞིག་གོ་སྒྲིག་ཞུ་གཏན་ཁེལ་བ་ལགས་ན། དད་དམ་གཙང་བའི་བོད་རིགས་སྤུན་ཟླ་ཚང་མ་ཕེབས་གནང་ཡོང་བའི་གསལ་བསྒྲགས་སུ།
སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས་ནས། ཕྱི་ལོ་༢༠༢༥།༥།༨ ཉིན།
ཚོགས་ཡུལ། Schijnpoortweg 55, 2100 Antwerpen
དུས་ཚེས། 14/06/2025 གཟའ་སྤེན་པའི་ཆུ་ཚོད། 17:00-ནས་སང་ཞོགས། 5:00 བར།
འབྲེལ་གཏུགས། 0487798237 / 0486058498 / 0488236631