སྦེལ་ལྗམ་མདོ་སྨད་ས་རྒྱུན་གྱི་སྒྲིག་གཞིའི་དགོངས་དོན་གཞིར་བཟུང་།  ས་རྒྱུན་སྐབས་དང་པོས་བོད་རྒྱལ་ལོ་ ༢༡༤༥ བོད་ཟླ་ ༠༤  ཚེས་ ༡༩ རེས་གཟའ་སྤེན་པ། སྤྱི་ལོ་ ༢༠༡༨ ལོའི་ཟླ་ ༠༦ ཚེས་ ༠༢ ཉིན། རང་ཅག་གངས་ཅན་པ་ཡོངས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུ་གྱ་གསུམ་བཞེས་པའི་སྐུའི་འཁྲུངས་ལྷ་དབྱར་གསོལ་གྱི་དགྱེས་འཛོམས་མཛད་སྒོ་ཞིག་འཚོག་པར་གོ་སྒྲིག་བྱེད་བཞིན་ཡོད་ན། དེའི་སྐབས་སྲོལ་རྒྱུན་གཞས་སྣ་འཁྲབ་སྟོན། སྙན་ངག་གྱེར་འདོན་དང་དམངས་ཁྲོད་གར་ཆུང་སོགས་རྩེད་རིགས་སྣ་ཚོགས་གོ་སྒྲིག་བྱས་ཡོད་པས། བོད་ཀྱི་དུས་སྟོན་ཁྱད་པར་ཅན་འདི་སྲུང་བརྩིའི་ཆེད་སྦེལ་ལྗམ་མདོ་སྨད་མི་མང་དང་ཡོ་རོབ་རྒྱལ་ཁབ་ཁག་ན་བཞུགས་པའི་མདོ་སྨད་པ་ཚང་མ་དགའ་དད་སྤྲོ་གསུམ་གྱིས་མཉམ་ཞུགས་ཡོང་པའི་གསལ་བསྒྲགས་སུ།

 

སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས་ཀྱིས།  སྤྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༢༥ ལ།

ཚོགས་ཡུལ།

Schijnportweg 55a 2060 Antwerpen

སྤྱི་ཟླ་ ༠༦ ཚེས་ ༠༢ གཟའ་སྤེན་པའི་ཕྱི་དྲོའི་དུས་ཚོད་ ༠༥།༠༠ ནས་ཕྱི་ཉིན་ཞོགས་པ་བར།