གསལ་བསྒྲགས།

༄༅། །སྦེལ་ལྗམ་དུ་གནས་བཞུགས་མདོ་སྨད་པ་ཡོངས་ཀྱི་སྙན་ལམ་དུ།
ཆེད་ཞུ། སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས་ཀྱི་སྒྲིག་གཞིའི་དོན་ཚན་ཉེར་བདུན་པའི་ནང་གསེས་བཞི་བ་དང། དོན་ཚན་སོ་དྲུག་པའི་དགོངས་དོན་གཞི་ལ་བཞག་ནས། སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས་སྐབས་གསུམ་པའི་རྒྱུན་ལས་ལྷན་ཚོགས་ཐེངས་བརྒྱད་པའི་ཐོག་ཐག་གཅོད་བྱུང་དོན་བཞིན། གལ་ཆའི་ལས་དོན་ཁག་ཅིག་དང་། མདོ་སྨད་ཚོགས་ཆེན་ལ་དམིགས་པའི་ས་གནས་ཀྱི་བསམ་ཚུལ། དེ་བཞིན། ས་གནས་མདོ་སྨད་མི་མང་བློ་གཅིག་སེམས་གཅིག་དང་། རྡོག་རྩ་གཅིག་སྒྲིལ། སྤྱི་དོན་ལ་འཕྱར་གྲུ་མཉམ་འདེགས་དགོས་པ་སོགས་ཀྱི་བསམ་ཚུལ་གཞི་གཅིག་ལ་སྤུངས་དགོས་པ་གལ་ཆེར་མཐོང་ནས། ས་གནས་ཀྱི་མདོ་སྨད་ཚོགས་ཆེན་བསྐོང་ཚོགས་བྱ་གཏན་ཁེལ་བ་ཡིན་ན། བོད་ཆས་སྤུས་ལེགས་རེ་གྱོན་ནས་ངེས་ཕེབས་ཡོང་བ་མཁྱེན།
སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས་ནས། ཕྱི་ལོ་ ༢༠༢༥ ཕྱི་ཟླ ༤ ཚེས་ ༢༣ ཉིན།
ཚོགས་ཡུལ།
Kruispadstraat 33. 2900 Schoten
དུས་ཚེས།
04/05/2025 གཟའ་ཉི་མ། ཆུ་ཚོད། 13:30-16:00
འབྲེལ་གཏུགས།
0487798237 / 0486058498 / 0488236631



༄༅། །གུས་ཤིང་བཀུར་འོས་སྦེལ་ལྗམ་གནས་བཞུགས་རང་རེའི་མདོ་སྨད་པ་གཙོས་ཆོལ་གསུམ་བོད་རིགས་སྤུན་ཟླ་ཕུ་ནུ་མིང་སྲིང་ཡོངས་ཀྱི་སྙན་ལམ་དུ། ཞུ་གསོལ།
འདི་ག་སྐབས་གསུམ་པའི་སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས་ཀྱི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༤ ཟླ་ ༠༦ ཚེས་ ༢༩ རེས་གཟའ་སྤེན་པའི་ཉིན། རང་ཅག་གངས་ཅན་པ་ཡོངས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ། འདི་ཕྱི་གཉིས་ཀྱི་སྐྱབས་གནས། འཛམ་གླིང་ཞི་བདེའི་དེད་དཔོན། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག ༸སྤྱི་ནོར༸གོང་ས་ ༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་སྐུའི་འཁྲུངས་ལྷ་དབྱར་གསོལ་ལོ་རེར་གོ་སྒྲིག་ཞུ་སྲོལ་ཡོད་པ་བཞིན། ད་ལོའང་སེམས་དཔའ་ཆེན་པོ་འཕགས་མཆོག་ཕྱག་ན་པདྨོ་རྒྱལ་དབང་སྐུ་ཕེང་བཅུ་བཞི་བ་ཆེན་པོ་མཆོག་དགུང་གྲངས་གྱ་དགུ་བཞེས་པའི་སྐུའི་འཁྲུངས་ལྷ་དབྱར་གསོལ་གྱི་མཛད་སྒོ་གོ་སྒྲིག་ཞུ་རྒྱུར་ཐུགས་གཏན་འཁེལ་ཡོད་པས་ཐེངས་འདིའི་སྐུའི་འཁྲུངས་ལྷ་དབྱར་གསོལ་གྱི་མཛད་སྒོར་དངོས་ཕེབས་ཡོང་བ་མཁྱེེན་ཞུ།
སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས་ཀྱིས། ཕྱི་ལོ་ ༢༠༢༤ ཟླ་ ༠༣ ཚེས་ ༢༣ ཉིན
ཚོགས་ཡུལ།
Demervallei 14. 3200 Aarschot
ཚོགས་དུས།
ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༢༩ རེས་གཟའ་སྦེན་པའི་ཕྱོ་དྲོ་ཆུ་ཚོད་ ༥ ནས་སང་ཞོགས་ཆུ་ཚོད་ ༥ བར།
འབྲེལ་གཏུགས།
0487798237- 0488236631

༄༅། །མཚུངས་མེད་སྦེལ་ལྗམ་གནས་བཞུགས་བོད་རིགས་མི་མང་ཡོངས་ཀྱི་སྙན་ལམ་དུ།
ཉེ་བའི་ཆར་ཕྱི་ལོ་ ༢༠༢༤ ཟླ་ ༠༢ ཚེས་ ༡༩ ཉིན་གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་ཕེབས་དོན་ལྟར་ ༸སྤྱི་ནོར་ ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལུགས་ལྟར་དགུང་གྲངས་༩༠ བཞེས་སྐབས་དང་བསྟུན་ ༸རྒྱལ་བའི་སྐུ་ཕྱྭ་དང་། བོད་བསྟན་སྲིད་བདེ་ཐབས་དང་། འབྱུང་བའི་གནོད་པ་ཟློག་ཐབས། སྤྱི་དོན་བསོད་ནམས་གསོག་སྒྲུབ་ཆེད་ཞབས་རིམ། མ་ཎི་ཡིག་དྲུག་དང་། སྒྲོལ་མའི་བསྟོད་པ་ཕྱག་འཚལ་ཉེར་གཅིག་མ། སྒྲོལ་མའི་གཟུངས་སྔགས། ༸རྒྱལ་བའི་མཚན་སྔགས། གསུམ་ཆེན་བདེན་པའི་རྔ་སྒྲ། མ་ཧཱ་གུ་རུའི་ཐུགས་དམ་གནད་བསྐུལ་བཅས་གནད་མིན་གསོག་སྒྲུབ་ཀྱིས་གྲངས་ཐོ་བླངས་ཏེ། མི་འགྱངས་པར་ཞབས་རིམ་གསོག་སྒྲུབ་ཀྱི་གྲངས་ཐོ་དུས་ཐོག་སྒྲུབ་ཐོ་ཁག་ཕྱོགས་སྡོམ་གྱིས་སྐུ་སྒེར་ཡིག་ཚང་སོགས་འབྲེལ་ཡོད་ལྷན་ཁང་ཁག་ལ་འབུལ་རྒྱུ་ལགས་ན། ཕྱི་ལོ་ ༢༠༢༤ ཟླ་ ༠༣ ཚེས་ ༣༡ རེས་གཟའ་ཉིན་མའི་ཉིན་ ༸སྐུའི་ཞབས་རིམ་གསོག་སྒྲུབ་ཡོན་ཏན་གླིང་དུ་མདོ་སྨད་ས་གནས་རྒྱུན་ལས་ཀྱིས་གོ་སྒྲིག་བྱས་ཡོད་པས་རྒྱ་ཆེ་མི་མང་རྣམས་ངེས་པར་དུ་ཕེབས་གནང་ཡོང་བ་མཁྱེན།
སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས་ནས། ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༡༡ ཉིན་ཕུལ།
ཚོགས་ཡུལ། ཡོན་ཏན་གླིང་།
kruispadstraat 33, 2900 Schoten
དུས་ཚོད།
༡༠།༠༠ ནས་༡༤།༠༠ གསོལ་ཚིགས། ༡༣།༠༠
འབེལ་གཏུགས།
ཚོགས་གཙོ་གཞོན། ༠༤༨༦༠༥༨༤༩༨། ༠༤༨༧༧༩༨༢༣༧

༄༅།།ཤ་རུས་གདུང་རྒྱུད་གཅིག་པའི་བོད་རིགས་སྤུན་ཟླ་ཡོངས་ལ།
བོད་རྒྱལ་ལོ་ ༢༡༥༡ རབ་གནས་ཤིང་འབྲུག་ལོའི་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་རྟེན་འབྲེལ་དུ། སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས་ཀྱིས་ལོ་སར་དགོང་ཚོགས་ཤིག་གོ་སྒྲིག་ཞུ་རྒྱུར་ཐག་གཅོད་བྱུང་བ་བཞིན། བོད་ཀྱི་རིག་གཞུང་མི་ཉམས་རྒྱུད་འཛིན་དང་། བོད་མིའི་ནང་ཁུལ་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་ཡོང་ཐབས། ས་གནས་ཀྱི་དཔལ་འབྱོར་འདུ་འགོད་སོགས་ཀྱི་དམིགས་སྒོར། ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༢༧ ཉིན། ལོ་གསར་དགོང་ཚོགས་འཚོགས་གཏན་ཁེལ་ཡོད་པས་མདོ་སྨད་པ་གཙོས་པའི་རྒྱ་ཆེའི་བོད་རིགས་སྤུན་ཟླ་ཚང་མ་མཉམ་ཞུགས་ཡོང་བའི་གསལ་བསྒྲགས་སུ།
སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས་ནས། ཕྱི་ལོ་ ༢༠༢༣ ཟླ་ ༡༠ ཚེས་ ༧ ཉིན་ཕུལ།
ས་གནས།
Demervallei 14. 3200 Aaschot
དུས་ཚེས།
ཕྱི་ལོ ༢༠༢༤ ཟླ་ ༡ ཚེས་༢༧ གྱི་ཉིན་རྒྱབ་ནས་ཕྱི་ཉིན་ཞོགས་པ་བར།
འབྲེལ་གཏུགས།
0486058498/ 0485689997/ 0488236631