སྦེལ་ལྗམ་མདོ་སྨད་ཚོགས་ཆེན་བསྐོང་ཚོགས།
སྦེལ་ལྗམ་མདོ་སྨད་ས་གནས་ཀྱི་ཚོགས་ཆེན་བསྐོང་ཚོགས།
སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས་ཀྱི་སྒྲིག་གཞིའི་དོན་ཚན་ཉེར་བདུན་པའི་ནང་གསེས་བཞི་བ་དང། དོན་ཚན་སོ་དྲུག་པའི་དགོངས་དོན་གཞི་ལ་བཞག་ནས། སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས་སྐབས་གསུམ་པའི་རྒྱུན་ལས་ལྷན་ཚོགས་ཐེངས་བརྒྱད་པའི་ཐོག་ཐག་གཅོད་བྱུང་དོན་བཞིན། གལ་ཆའི་ལས་དོན་ཁག་ཅིག་དང་། མདོ་སྨད་ཚོགས་ཆེན་ལ་དམིགས་པའི་ས་གནས་ཀྱི་བསམ་ཚུལ། དེ་བཞིན། སྤྱི་དོན་ལ་འཕྱར་གྲུ་མཉམ་འདེགས་དགོས་པ་སོགས་ཀྱི་བསམ་ཚུལ་གཞི་གཅིག་ལ་སྤུངས་དགོས་པ་གལ་ཆེར་མཐོང་ནས། ཕྱི་ལོ་ ༢༠༢༥ ཕྱི་ཟླ ༤ ཚེས་ ༢༣ ཉིན། ས་གནས་ཀྱི་མདོ་སྨད་ཚོགས་ཆེན་བསྐོང་ཚོགས་བྱས།

བོད་མི་མང་སྤྱི་འཐུས་རྣམ་གཉིས་ལ་ཕེབས་བསུ།
སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས་ནས་བོད་མི་མང་སྤྱི་འཐུས་བཀྲ་ཤིས་དོན་འགྲུབ་དང་། རིག་འཛིན་ལྷུན་གྲུབ་རྣམ་གཉིས་ལ་ཕེབས་བསུ།
བོད་མི་མང་སྤྱི་འཐུས་བཀྲ་ཤིས་དོན་འགྲུབ་མཆོག་དང་། སྤྱི་འཐུས་རིག་འཛིན་ལྷུན་གྲུབ་མཆོག་རྣམ་གཉིས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་སྦེལ་ལྗམ་དུ་གཞུང་འབྲེལ་བོད་དོན་ཞུ་གཏུགས་ཆེད་ཕེབས་པར། སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས་ནས་ཕེབས་བསུ་དང་། མི་མང་མཇལ་འཕྲད་ཀྱིས་གསུང་བཤད་དང་དྲི་བ་དྲིས་ལན་དང་། ས་གནས་དབུས་གཙང་ཆོལ་ཁའི་རྒྱུན་ལས་དང་མཉམ་འབྲེལ་གྱི་ཚོགས་ཆུང་ལ་ཞལ་ལག་འདེགས་འབུལ་ཞུས།

༧ སྐུའི་འཁྲུངས་ལྷ་དབྱར་གསོལ་སྐབས་ལྔ་པ།
༧སྤྱི་ནོར་༧ གོང་ས་༧ རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དགུང་གྲངས་གྱ་དགུ་ལ་ཕེབས་པའི་སྐུའི་འཁྲུངས་ལྷ་དབྱར་གསོལ།
འདི་ག་མདོ་སྨད་ས་གནས་རྒྱུན་ལས་ནས། ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༢༩ རེས་གཟའ་སྦེན་པའི་ཉིན། ཁ་བ་གངས་ཅན་པ་ཡོངས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ། འདི་ཕྱི་གཉིས་ཀྱི་སྐྱབས་གནས། ༧སྤྱི་ནོར་ ༧ གོང་ས་༧ རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དགུང་གྲངས་གྱ་དགུ་ལ་ཕེབས་པའི་སྐུའི་འཁྲུངས་ལྷ་དབྱར་གསོལ་སྐབས་ལྔ་པ་གོ་སྒྲིག་ཟབ་རྒྱས་ངང་སྲུང་བརྩི་བྱས།

ཞབས་རིམ་གནད་མིན་གསོག་སྒྲུབ།
ཞབས་རིམ་གནད་མིན་གསོག་སྒྲུབ་གྱི་ལས་རིམ་དངོས་གཞི་འགོ་འཛུགས།
འདི་ག་སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས་ནས། ཉེ་བའི་ཆར་གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་ཕེབས་དོན་བཞིན། ༸སྤྱི་ནོར་ ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལུགས་ལྟར་དགུང་གྲངས་ ༩༠ བཞེས་སྐབས་དང་བསྟུན་ ༸རྒྱལ་བའི་སྐུ་ཕྱྭ་དང་། བོད་བསྟན་སྲིད་བདེ་ཐབས། འབྱུང་བའི་གནོད་པ་ཟློག་ཐབས་དང་། སྤྱི་དོན་བསོད་ནམས་གསོག་སྒྲུབ་ཆེད་ཞབས་རིམ།

ལོ་སར་དགོང་ཚོགས་གོ་སྒྲིག
བོད་རྒྱལ་ལོ་ ༢༡༥༡ རབ་གནས་ཤིང་འབྲུག་ལོའི་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་རྟེན་འབྲེལ་དུ་ལོ་སར་དགོང་ཚོགས་གོ་སྒྲིག་གཟབ་རྒྱས།
༢༠༢༣ ལོའི་སྐབས་གསུམ་པའི་སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས་ཀྱིས་ལོ་སར་དགོང་ཚོགས་ཤིག་གོ་སྒྲིག་ཞུ་རྒྱུར་རྒྱུན་ལས་གྲོས་འཆམས་ཐག་གཅོད་བྱུང་བ་བཞིན། བོད་ཀྱི་རིག་གཞུང་མི་ཉམས་རྒྱུད་འཛིན་དང་། བོད་མིའི་ནང་ཁུལ་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་ཡོང་ཐབས་དང། ས་གནས་ཀྱི་དཔལ་འབྱོར་འདུ་འགོད་སོགས་ཀྱི་དམིགས་སྒོར་གཞིར་བཞག་ཏེ།

མདོ་སྨད་དབུས་རྒྱུན་གྱི་བཀོད་མངགས།
མདོ་སྨད་དབུས་རྒྱུན་དཔལ་འབྱོར་འདུ་འགོད་འགན་འཛིན་སྒྱིས་ཚང་སྐལ་བཟང་དམ་ཆོས་ལགས་སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས་དང་མི་མང་མཇལ་འཛོམས།
བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་ཕྱི་ལོ་ ༢༠༢༣ ། ༡༢ ། ༡༢ ཉིན་བཀོད་མངགས་འབྱོར་དོན། དབུས་རྒྱུན་དཔལ་འབྱོརའདུ་འགོད་འགན་འཛིན་སྒྱིས་ཚང་སྐལ་བཟང་དམ་ཆོས་ལགས་ཡུ་རོབ་རྒྱལ་ཁབ་ཁག་ཏུ་ཕེབས་བཞིན་པར། སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས་ནས་མི་མང་བསྡུ་སྐོང་བྱེད་དགོས་པའི་བཀའ་ཕེབས་བཀོད་མངགས་བཞིན།

༧ སྐུའི་འཁྲུངས་ལྷ་དབྱར་གསོལ་སྐབས་བཞི་པ།
༧ རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་མཆོག་དགུང་གྲངས་གྱ་བདུན་བཞེས་པའི་སྐུའི་འཁྲུངས་ལྷ་དབྱར་གསོལ་ཆེན་མོ་སྐབས་བཞི་པ།
འདི་ག་མདོ་སྨད་ས་གནས་རྒྱུན་ལས་ནས༸ རྒྱལ་བ་ཐམས་ཅད་མཁྱེན་པ་མཆོག་གི་སྐུའི་འཁྲུངས་ལྷ་དབྱར་གསོལ་ལོ་རེར་གོ་སྒྲིག་ཞུ་སྲོལ་ཡོད་པ་བཞིན། ད་ལོའང་འདི་ནས་ཕྱི་ལོ་༢༠༢༢ ལོའི་ཟླ་བ་ ༣ ཚེས་ ༢༤ ཉིན། སེམས་དཔའ་ཆེན་པོ་རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་མཆོག་དགུང་གྲངས་གྱ་བདུན་བཞེས་པའི་སྐུའི་འཁྲུངས་ལྷ་དབྱར་གསོལ་ཆེན་མོ་སྐབས་བཞི་པ་གོ་སྒྲིག་སྲུང་བརྩི་བྱས།

༧ སྐུའི་འཁྲུངས་ལྷ་དབྱར་གསོལ།
༧ གོང་ས་ཡིད་བཞིན་ནོར་བུ་དགུང་གྲངས ༨༦ ལ་ཕེབས་པའི་སྐུའི་འཁྲུངས་ལྷ་དབྱར་གསོལ།
འདི་ག་མདོ་སྨད་ས་གནས་རྒྱུན་ལས་ཁང་གི་གོ་སྒྲིག་འོག སྤྱི་ལོ ༢༠༢༡ ཟླ་བ ༡༡ པའི་ཚེས ༦ རེས་གཟའ་སྤེན་པའི་ཉིན། རང་ཅག་རི་བོ་གངས་ཅན་པ་ཡོངས་ཀྱི་འདི་ཕྱི་གཉིས་ཀྱི་སྐྱབས་གནས། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག ༧ རྒྱལ་བ་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་བཞི་པ་མཆོག་དགུང་གྲངས་གྱ་དྲུག་བཞེས་པའི་སྐུའི་འཁྲུངས་ལྷ་དབྱར་གསོལ་ཀྱི་མཛད་སྒོ་སྲུང་བརྩི་བྱས།

རྒྱུན་ལས་ལྷན་འཛོམས་དང་གྲོས་བསྡུར།
ས་གནས་རྒྱུན་ལས་ནས་དབྱར་སྐྱིད་གོ་སྒྲིག་བྱེད་ཕྱོགས་ཀྱི་ལས་རིམ་ལ་བགྲོ་གླེང་གྲོས་བསྡུར་བྱས།
ལོ་རེར་འདི་ག་ས་གནས་སུ་མདོ་སྨད་པ་ཡོངས་གཞི་གཅིག་ཏུ་དགའ་སྐྱིད་ལྷན་འཛོམས་ཀྱིས་༸སྐུའི་འཁྲུངས་ལྷ་དབྱར་གསོལ་གཏོང་སྲོལ་ཡོད་པ་བཞིན། སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས་ལྷན་འཛོམས་ཀྱིས་ད་ལོ་ཡང་༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དགུང་གྲངས་གྱ་དྲུག་ལ་ཕེབས་པའི་སྐུའི་འཁྲུངས་ལྷ་དབྱར་གསོལ་གོ་སྒྲིག་ཞུ་ཕྱོགས་ཀྱི་མགོ་འཇུག་བར་གསུམ་གྱི་ལས་དོན་ཚགས་ཚུད་ཡོད་སླད་བགྲོ་གླེང་གྲོས་བསྡུར་དང་ལས་བགོས་གཏན་འབེབས་བྱས།

མཆོད་འབུལ་སྨོན་ལམ་གོ་སྒྲིག
སྦིར་སུལ་གནས་བཞུགས་འདས་པོ་རྒྱལ་ལོ་དམ་པ་ཁོང་གི་ཆེད་དུ་མཆོད་འབུལ་སྨོན་ལམ་གོ་སྒྲིག
འདི་ག་སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས་ནས་ཆོལ་གསུམ་མི་མང་ཡོངས་ལ་གསལ་བསྒྲགས་སྔོན་སོང་བཞིན། སྦིར་སུལ་གནས་བཞུགས་འདས་པོ་རྒྱལ་ལོ་དམ་པ་ཁོང་གི་ཆེད་དུ་མཆོད་འབུལ་སྨོན་ལམ་ཞིག ཕྱི་ལོ་ ༢༠༢༡ ཟླ་བ་ ༩ པའི་ཚེས་ ༢༦ རེས་གཟའ་ཉི་མའི་ཞོགས་པ་ཆུ་ཚོད ༡༡ ནས ༡ པར་བཀའ་བརྒྱུད་ཡོན་ཏན་རྒྱ་མཚོ་གླིང་དགོན་པར་གོ་སྒྲིག་ཞུས།

གཞས་དང་ཞབས་བྲོ་སྦྱོང་གཉེར།
ཕྲུ་གུ་ཚོས་༸སྐུའི་འཁྲུངས་ལྷ་དབྱར་གསོལ་གྱི་ཆེད་གཞས་དང་ཞབས་བྲོ་སྦྱོང་གཉེར་བྱེད་འགོ་ཚུགས།
འདི་ག་མདོ་སྨད་ས་གནས་རྒྱུན་ལས་ནས། དུས་རྒྱུན་རེས་གཟའ་ཉི་མའི་ཉིན་ཕྲུ་གུ་ཚོར་བོད་ཀྱི་གཞས་དང་ཞབས་བྲོ་སྦྱོང་གཉེར་གྱི་མཐུན་འགྱུར་གོ་སྒྲིག་བྱེད་བཞིན་པ་ལྟར་། ཕྱི་ལོ་ ༢༠༢༡ ཟླ་བ་ ༩ པའི་ཚེས་ ༢༦ རེས་གཟའ་ཉི་མའི་ཉིན་བཀའ་བརྒྱུད་ཡོན་ཏན་རྒྱ་མཚོ་གླིང་དགོན་པར་མཆོད་འབུལ་སྨོན་ལམ་གྲོལ་རྗེས། མདོ་སྨད་ཀྱི་རྒན་རབས་པ་རྣམས་ས་གནས་ Merksemsesteenweg 30 2100 Antwerpen ལ་ལྷན་འཛོམས་ཀྱིས།
རྒན་རབས་ལྷན་འཛོམས་དང་བགྲོ་གླེང་།
ས་གནས་རྒྱུན་ལས་ནས་དབྱར་སྐྱིད་གོ་སྒྲིག་བྱེད་ཕྱོགས་ཀྱི་ལས་རིམ་ཐོག་རྒན་རབས་ལྷན་འཛོམས་ཀྱིས་གཞོགས་འདེགས་བགྲོ་གླེང་དང་གྲོས་བསྡུར་བྱས།
འདི་ག་མདོ་སྨད་ས་གནས་རྒྱུན་ལས་ནས། དུས་རྒྱུན་རེས་གཟའ་ཉི་མའི་ཉིན་ཕྲུ་གུ་ཚོར་བོད་ཀྱི་གཞས་དང་ཞབས་བྲོ་སྦྱོང་གཉེར་གྱི་མཐུན་འགྱུར་གོ་སྒྲིག་བྱེད་བཞིན་པ་ལྟར་། ཕྱི་ལོ་ ༢༠༢༡ ཟླ་བ་ ༩ པའི་ཚེས་ ༢༦ རེས་གཟའ་ཉི་མའི་ཉིན་བཀའ་བརྒྱུད་ཡོན་ཏན་རྒྱ་མཚོ་གླིང་དགོན་པར་མཆོད་འབུལ་སྨོན་ལམ་གྲོལ་རྗེས། མདོ་སྨད་ཀྱི་རྒན་རབས་པ་རྣམས་ས་གནས་ Merksemsesteenweg 30 2100 Antwerpen ལ་ལྷན་འཛོམས་ཀྱིས་་།
ཞབས་རིམ་གནད་སྨིན་གསོག་འདོན།
༧ རྒྱལ་བའི་སྐུའི་ཕྱི་ནང་གསང་གསུམ་དང་དགུང་ཀེག་གི་བར་ཆད་བཟློག་སླད་ཞབས་རིམ་གནད་སྨིན་གསོག་འདོན་གོ་སྒྲིག
བོད་མིའི་སྒྲིག་འཛུགས་ཆོས་རིགས་ལས་ཁུངས་ནས་སྤྱི་ལོ་ ༢༠༡༩ ཟླ ༣ ཚེས ༡༨ ཉིན་བཀའ་ལུང་ཕེབས་དོན་བཞིན། ༧ རྒྱལ་བའི་སྐུའི་ཕྱི་ནང་གསང་གསུམ་དང་དགུང་ཀེག་གི་བར་ཆད་བཟློག་སླད། མི་མང་ནས་ཞབས་རིམ་གང་མང་གནད་སྨིན་གསོག་འདོན་དགོས་ལུགས་གསལ་བསྒྲགས་སྔོན་སོང་ལྟར། འདི་ག་སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས་ནས་སྤྱི་ལོ ༢༠༡༩ ཟླ ༤ ཚེས ༢༡ རེས་གཟའ་ཉི་མའི་ཞོགས་པ་ཆུ་ཚོད ༡༡ ནས ༡༥ བར་བཀའ་རྒྱུད་ཡོན་ཏན་རྒྱ་མཚོ་གླིང་དགོན་པར་མི་མང་ལ་ཞབས་རིམ་གནད་སྨིན་གསོག་འདོན་གོ་སྒྲིག་ཞུས།
འཁྲུངས་ལྷ་དབྱར་གསོལ།
༧ གོང་ས་ཡིད་བཞིན་ནོར་བུ་དགུང་གྲངས ༨༣ ལ་ཕེབས་པའི་སྐུའི་འཁྲུངས་ལྷ་དབྱར་གསོལ།
༄༅། ། བོད་རྒྱལ་ལོ ༢༡༤༥ བོད་ཟླ ༤ བའི་ཚེས ༡༩། སྤྱི་ལོ ༢༠༡༨ ཟླ་བ ༦ པའི་ཚེས ༢ རེས་གཟའ་སྤེན་པའི་ཉིན། ༧ གོང་ས་ཡིད་བཞིན་ནོར་བུ་དགུང་གྲངས ༨༣ ལ་ཕེབས་པའི་སྐུའི་འཁྲུངས་ལྷ་དབྱར་གསོལ་གྱི་མཛད་སྒོའི་སྐབས་ཀྱི་རྣམ་པ།
མཆོད་འབུལ་སྨོན་ལམ།
གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་མ་ཡུམ་ལྡོམ་པོ་སྐྱིད་སྐུ་གྲོངས་བར་མཆོད་འབུལ་སྨོན་ལམ་གོ་སྒྲིག
སྤྱི་ལོ ༢༠༡༨ ཟླ ༩ ཚེས ༧ ཉིན་བོད་དོན་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་མ་ཡུམ་ལྡོམ་པོ་སྐྱིད་སྐུ་གྲོངས་བའི་ཡིད་སྐྱོའི་གནས་ཚུལ་བྱུང་བ་བཞིན། འདི་ག་སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས་ཀྱི་གོ་སྒྲིག་འོག་སྦེལ་ལྗམ་གནས་བཞུགས་བོད་རིགས་མི་མང་ལ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་དང་། ཁོང་གི་ནང་མི་སྤུན་མཆེད་ཡོངས་ལ་གདུང་སེམས་མཉམ་བསྐྱེད་མཚོན་བྱེད་ཀྱི་མཆོད་འབུལ་སྨོན་ལམ་ཞིག དེ་རིང་རེས་གཟའ་ཉི་མའི་ཞོགས་པའི་ཆུ་ཚོད ༡༠ ནས ༡༤ བར་བཀའ་བརྒྱུད་ཡོན་ཏན་རྒྱ་མཚོ་གླིང་དགོན་པར་གོ་སྒྲིག་ཞུས།
ཞེ་དགུའི་མཆོད་འབུལ་སྨོན་ལམ།
མདོ་སྨད་རྔ་པ་རྨེའུ་རུ་མའི་རུ་ཆེན་ལྔ་པ་ནས་ཡིན་པ་ཚེ་ཁོ་ལགས་ཀྱི་ཆེད་དུ་ཞེ་དགུའི་མཆོད་འབུལ་སྨོན་ལམ་བཀོད་སྒྲིག
འདི་ག་སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས་ཀྱིས་ ༢༠༡༨ ཟླ་ ༣ ཚེས་ ༤ ཉིན་ཨ་མདོ་རྔ་པ་རྨེའུ་རུ་མའི་རུ་ཆེན་ལྔ་པ་ནས་ཡིན་པ་ཚེ་ཁོ་ལགས་ཀྱིས་གཙོས། ད་བར་དུ་བོད་བསྟན་པ་ཆབ་སྲིད་དང་། རང་དབང་འཐབ་རྩོད་ཆེད་སོའི་ལུས་སྲོག་ལོངས་སྤྱོད་ཐམས་ཅད་བློས་བཏང་གནང་མཁན་རྒྱལ་གཅེས་དཔའ་པོ་དཔའ་མོ་དག་ལ་གདུང་སེམས་མཉམ་བསྐྱེད་ཆེད་མྱ་ངན་རྗེས་དྲན་དང་། ཞེ་དགུའི་མཆོད་འབུལ་སྨོན་ལམ་ཞིག་རེས་གཟའ་ཉི་མའི་ཞོགས་པ་ཆུ་ཚོད་ ༡༠།༠༠ ནས་ཉིན་རྒྱབ་ཆུ་ཚོད་ ༡༣།༠༠ བར། བཀའ་བརྒྱུད་ཡོན་ཏན་རྒྱ་མཚོ་གླིང་དགོན་པར་བཀོད་སྒྲིག་སྲུང་བརྩི་ཞུས།
གཞས་དང་ཞབས་བྲོ་སྦྱོང་གཉེར་མཐུན་འགྱུར།
དུས་རྒྱུན་རེས་གཟའ་ཉི་མའི་ཉིན་ཕྲུ་གུ་ཚོར་བོད་ཀྱི་གཞས་དང་ཞབས་བྲོ་སྦྱོང་གཉེར་གྱི་མཐུན་འགྱུར་བཀོད་སྒྲིག
འདི་ག་མདོ་སྨད་ས་གནས་རྒྱུན་ལས་ནས། བོད་ཀྱི་རིག་གཞུང་མི་ཉམས་གོང་སྤེལ་གྱི་གཞོགས་འདེགས་སུ་དམིགས་ཏེ། དུས་རྒྱུན་རེས་གཟའ་ཉི་མའི་ཉིན་ཕྲུ་གུ་ཚོར་བོད་ཀྱི་གཞས་དང་ཞབས་བྲོ་སྦྱོང་གཉེར་གྱི་མཐུན་འགྱུར་བཀོད་སྒྲིག་གིས་ཕྲུ་གུ་ཚོས་གཞས་དང་ཞབས་བྲོ་སྦྱོང་གཉེར་བྱེད་བཞིན་པ།