འདི་ག་ས་གནས་རྒྱུན་ལས།
སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས་ཀྱི་དམིགས་ཡུལ།
སྤྱི་ནོར་༧ གོང་ས་༧ སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལམ་སྟོན་ཁག་སྙིང་དབུས་སུ་བཅིངས་སྟེ། དབུས་བོད་མིའི་སྒྲིག་འཛུགས་དང་། མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་གཏན་འབེབས་བྱས་པའི་སྲིད་ཇུས་ཁག་གི་འོག་ཤར་བསྐྱོད་བྱ་རྒྱུ་དང་། ས་གནས་མདོ་སྨད་མི་མང་སྐྱིད་སྡུག་མཉམ་མྱོང་དང་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་སྔར་ལྷག་ཡོང་ཐབས། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས་བཟང་པོ་རྣམས་མི་ཉམས་རྒྱུན་འཛིན་གྱིས་མི་རབས་གསར་པ་ཚོར་བརྒྱུད་སྤྲོད་ཡོང་ཐབས་བཅས་ཀྱི་ཆེད་ནུས་ཤུགས་འདོན་རྒྱུ།
ས་རྒྱུན་གྱི་སྒྲིག་གཞི།
༄༅། །སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས་ཀྱི་སྒྲིག་གཞི།
མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ངོས་ནས་ལམ་སྟོན་དང་རྒྱབ་སྐྱོར་ཕེབས་པ་བཞིན། ཕྱི་ལོ་ ༢༠༡༦ གི་ལོ་མཇུག་ཙམ་ནས་སྐབས་བཅུ་གསུམ་པའི་མདོ་སྨད་སྤྲོ་སྐྱིད་གོ་སྒྲིག་ཚོགས་ཆུང་གིས་འགན་འཁུར་འོག་ས་རྒྱུན་གསར་འཛུགས་དགོས་མིན་ཐད་ས་གནས་མདོ་སྨད་མི་མང་ལ་བསམ་ཚུལ་བསྡུ་ལེན་དང་བགྲོ་གླེང་སྦྱངས་བཤད་རིམ་པར་བྱས་པ་དང་སྦྲགས་མང་གཙོའི་ལམ་སྲོལ་བཞིན་འོས་བསྡུ་བྱས་འབྲས་སུ། ས་གནས་རྒྱུན་ལས་གསར་འཛུགས་བྱ་རྒྱུར་ཚད་མཐོའི་མང་མོས་ཀྱི་རྒྱབ་སྐྱོར་ཐོབ་པར་བརྟེན། དེའི་གྲ་སྒྲིག་ཚགས་ཚུད་ཡོང་སླད། སླར་ཡང་མི་གྲངས་བཅུ་གསུམ་ལས་གྲུབ་པའི་སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས་གྲ་སྒྲིག་ཚོགས་ཆུང་ཞིག་ཀྱང་འོས་བསྡུའི་ལམ་ནས་འདེམས་བསྒྲུག་བྱས་པ་བཞིན། མ་འོངས་ས་རྒྱུན་རྣམ་པའི་ལས་དོན་ཚགས་ཚུད་དང་། ཕྱི་གསལ་ནང་གསལ། རྙོག་གླེང་མེད་པ། ལས་དོན་བྱ་བདེ་བ་བཅས་ལ་དམིགས་ཏེ། གྲ་སྒྲིག་ཚོགས་ཆུང་ནང་བགྲོ་གླེང་སྦྱང་བཤད་མཐིལ་ཕྱིན་པ་བྱས་མཐར། ལེའུ་བདུན་དང་དོན་ཚན་སོ་བརྒྱད་ཅན་གྱི་སྒྲིག་གཞི་འདི་ཉིད་ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡༥ ཉིན་སྤྱི་མོས་ཀྱིས་གཏན་ལ་ཕབ་པ་ཡིན།
འདི་ག་ས་གནས་རྒྱུན་ལས།
སྐབས་བཞི་བའི་སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས།
ཕྱི་ལོ་ ༢༠༡༦ གི་ལོ་མཇུག་ཙམ་ནས་སྐབས་བཅུ་གསུམ་པའི་མདོ་སྨད་སྤྲོ་སྐྱིད་གོ་སྒྲིག་ཚོགས་ཆུང་གིས་འགན་འཁུར་འོག་ས་རྒྱུན་གསར་འཛུགས་དགོས་མིན་ཐད་ས་གནས་མདོ་སྨད་མི་མང་ལ་བསམ་ཚུལ་བསྡུ་ལེན་དང་བགྲོ་གླེང་སྦྱངས་བཤད་རིམ་པར་བྱས་པ་དང་སྦྲགས་མང་གཙོའི་ལམ་སྲོལ་བཞིན་འོས་བསྡུ་བྱས་འབྲས་སུ།
༢༠༢༦ ལོའི་སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས།
སྐབས་བཞི་པ།

ཚོགས་གཙོ།
བློ་གྲོས་རྣམ་རྒྱལ།

གཙོ་གཞོན།
དཔལ་ལྡན།

དྲུང་ཆེ།
བཟང་པོ་ནོར་མཚོ།

དྲུང་གཞོན།
འབྲིང་བ་བསྟན་པ།

རིག་གཞུང་འགན་འཛིན།
འཕྲིན་ལས་རབ་རྒྱས།

རྩིས་པ།
བཀྲིས་དོན་འགྲུབ།

དངུལ་གཉེར།
ལྷ་མོ་སྐྱབས།

དཔལ་འབྱོར་འགན་འཛིན།
སྐལ་བཟང་བཟོད་པ།

ཕྱི་འབྲེལ་འགན་འཛིན།
བསང་སྦྱིན་པ་རྒྱ་མཚོ།

གཉེར་བ།
བཤད་སྒྲུབ།

གཉེར་བ།
དབང་ཕྱུག་རྒྱལ།
སྐུའི་འཁྲུངས་ལྷ་དབྱར་གསོལ།
༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག་དགུང་གྲངས་ ༩༡ བཞེས་པའི་ ༧ སྐུའི་འཁྲུངས་སྐར་སྲུང་བརྩི།
རང་ཅག་ཁ་བ་གངས་ཅན་པ་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ། འཕགས་མཆོག་ཕྱག་ན་པདྨོ་ ༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོགདགུང་གྲངས་ ༩༡ བཞེས་པའི་ ྋ སྐུའི་འཁྲུངས་སྐར་སྲུང་བརྩི།
སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས་ནས། བོད་རྒྱལ་ལོ་ ༢༡༥༣ རབ་གནས་མེ་ཕོ་རྟ་ཡི་ལོ། ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༢༣ རེས་གཟའ་སྤེན་པའི་ཉིན།
འདི་ག་ས་གནས་རྒྱུན་ལས།
༢༠༢༣ ལོའི་སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས། སྐབས་གསུམ་པ།
ཕྱི་ལོ་ ༢༠༡༦ གི་ལོ་མཇུག་ཙམ་ནས་སྐབས་བཅུ་གསུམ་པའི་མདོ་སྨད་སྤྲོ་སྐྱིད་གོ་སྒྲིག་ཚོགས་ཆུང་གིས་འགན་འཁུར་འོག་ས་རྒྱུན་གསར་འཛུགས་དགོས་མིན་ཐད་ས་གནས་མདོ་སྨད་མི་མང་ལ་བསམ་ཚུལ་བསྡུ་ལེན་དང་བགྲོ་གླེང་སྦྱངས་བཤད་རིམ་པར་བྱས་པ་དང་སྦྲགས་མང་གཙོའི་ལམ་སྲོལ་བཞིན་འོས་བསྡུ་བྱས་འབྲས་སུ།
༢༠༢༣ ལོའི་སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས།
སྐབས་གསུམ་པ།

ཚོགས་གཙོ།
ཨ་མཆོག་འཇིགས་མེད།

གཙོ་གཞོན།
ཅོ་ནེ་རྟ་མགྲིན་ཚེ་བརྟན།

དྲུང་ཆེ།
ཁ་གྱ་ཕུན་ཚོགས།

དྲུང་གཞོན།
བསང་དགེ་འདུན།

རྩིས་པ།
ཀླུ་ཆུའི་གདུགས་དཀར་རྡོ་རྗེ།

དཔལ་འབྱོར་འགན་འཛིན།
རྡོ་སྦིས་བུ་ཆུང་།

དངུལ་གཉེར།
རེབ་གོང་བསོད་ནམས་དབང་རྒྱལ།

གཉེར་བ།
ཀླུ་ཆུའི་སྐལ་བཟང་རྒྱ་མཚོ།

རིག་གཞུང་འགན་འཛིན།
དཔལ་ལུང་ཚེ་རིང་སྟོབས་ལྡན།

གཉེར་བ།
རེབ་གོང་འཇམ་དབྱངས་བློ་བཟང་།

ཕྱི་འབྲེལ་འགན་འཛིན།
བློ་བཟང་བསྟན་པ།
ལོ་སར་སྤྲོ་ཚོགས།
༢༠༢༦ ལོའི་མདོ་སྨད་ལོ་སར་སྤྲོ་ཚོགས།
འདི་ག་སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས་ནས། ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས ༧ རེས་གཟའ་སྦེན་པའི་ཉིན། བོད་རྒྱལ་ལོ་ ༢༡༥༣ རབ་གནས་མེ་ཕོ་རྟ་ཡི་ལོའི་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་རྟེན་འབྲེལ། བཀའ་དྲིན་རྗེས་དྲན། གཟི་འོད་འབར་བའི་བྱམས་བརྩེའི་འོད་སྣང་ལོ་གསར་རིག་རྩལ་སྤྲོ་ཚོགས་ཆེན་མོ་གོ་སྒྲིག་ཟབ་རྒྱས་སྲུང་བརྩི་བྱས།
༢༠༢༠ ལོའི་སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས།
སྐབས་གཉིས་པ།
ཕྱི་ལོ་ ༢༠༡༦ གི་ལོ་མཇུག་ཙམ་ནས་སྐབས་བཅུ་གསུམ་པའི་མདོ་སྨད་སྤྲོ་སྐྱིད་གོ་སྒྲིག་ཚོགས་ཆུང་གིས་འགན་འཁུར་འོག་ས་རྒྱུན་གསར་འཛུགས་དགོས་མིན་ཐད་ས་གནས་མདོ་སྨད་མི་མང་ལ་བསམ་ཚུལ་བསྡུ་ལེན་དང་བགྲོ་གླེང་སྦྱངས་བཤད་རིམ་པར་བྱས་པ་དང་སྦྲགས་མང་གཙོའི་ལམ་སྲོལ་བཞིན་འོས་བསྡུ་བྱས་འབྲས་སུ།

ཚོགས་གཙོ།
ཙ་ཡུས་སྐལ་བཟང་།

གཙོ་གཞོན།
བློ་བཟང་བཟོད་པ།

དྲུང་ཆེ།
གདུགས་དཀར་བཀྲ་ཤིས།

དྲུང་གཞོན།
གསེར་རྟ་ཚེ་རིང།

ཕྱི་འབྲེལ་འགན་འཛིན།
ཚུལ་རྣམ།

ཆོས་རིག་འགན་འཛིན།
སྙིང་བྷེ།

རྩིས་པ
དགེ་འདུན་ཆོས་འཕེལ།

དཔལ་འབྱོར་འགན་འཛིན།
ལྷ་མོ་དོན་འགྲུབ།

གཉེར་བ།
བསོད་བྷོ།

གཉེར་བ།
ཀླུ་རྒྱལ་འབུམ།
འཁྲུངས་ལྷ་དབྱར་གསོལ།
༧རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་མཆོག་དགུང་གྲངས་གྱ་བདུན་བཞེས་པའི་སྐུའི་འཁྲུངས་ལྷ་དབྱར་གསོལ་ཆེན་མོ་སྐབས་བཞི་པ།
འདི་ག་མདོ་སྨད་ས་གནས་རྒྱུན་ལས་ནས༸ རྒྱལ་བ་ཐམས་ཅད་མཁྱེན་པ་མཆོག་གི་སྐུའི་འཁྲུངས་ལྷ་དབྱར་གསོལ་ལོ་རེར་གོ་སྒྲིག་ཞུ་སྲོལ་ཡོད་པ་བཞིན། ད་ལོའང་འདི་ནས་ཕྱི་ལོ་༢༠༢༢ ལོའི་ཟླ་བ་ ༣ ཚེས་ ༢༤ ཉིན། སེམས་དཔའ་ཆེན་པོ་རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་མཆོག་དགུང་གྲངས་གྱ་བདུན་བཞེས་པའི་སྐུའི་འཁྲུངས་ལྷ་དབྱར་གསོལ་ཆེན་མོ་སྐབས་བཞི་པ་གོ་སྒྲིག་སྲུང་བརྩི་བྱས།
༢༠༡༨ ལོའི་སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས།
སྐབས་དང་པོ།
ཕྱི་ལོ་ ༢༠༡༦ གི་ལོ་མཇུག་ཙམ་ནས་སྐབས་བཅུ་གསུམ་པའི་མདོ་སྨད་སྤྲོ་སྐྱིད་གོ་སྒྲིག་ཚོགས་ཆུང་གིས་འགན་འཁུར་འོག་ས་རྒྱུན་གསར་འཛུགས་དགོས་མིན་ཐད་ས་གནས་མདོ་སྨད་མི་མང་ལ་བསམ་ཚུལ་བསྡུ་ལེན་དང་བགྲོ་གླེང་སྦྱངས་བཤད་རིམ་པར་བྱས་པ་དང་སྦྲགས་མང་གཙོའི་ལམ་སྲོལ་བཞིན་འོས་བསྡུ་བྱས་འབྲས་སུ།

ཚོགས་གཙོ།
ལྕགས་ཐར་ཚེ་རིང་།

གཙོ་གཞོན།
རྨ་ཆུའི་འཇམ་དབྱངས།

དྲུང་ཆེ།
འཕགས་པ་སྐྱབས།

རྩིས་པ།
ཆོས་རིས།

ཆོས་རིག་འགན་འཛིན།
ཕུན་ཚོགས་རྣམ་རྒྱལ།

ཕྱི་འབྲེལ་འགན་འཛིན།
དོན་འགྲུབ།

དངུལ་གཉེར།
གཡང་གཡང་།

དཔལ་འབྱོར་འགན་འཛིན།
རྒྱ་མཚོ་ཐར།

གཉེར་བ།
སྒྲོལ་མ་སྐྱབས།

གཉེར་བ།
རྭ་རྒྱ་བློ་བཟང་།
གཞས་དང་ཞབས་བྲོ་སྦྱོང་གཉེར།
འདི་ག་མདོ་སྨད་ས་གནས་རྒྱུན་ལས་ནས། བོད་ཀྱི་རིག་གཞུང་མི་ཉམས་གོང་སྤེལ་གྱི་གཞོགས་འདེགས་སུ་དམིགས་ཏེ། དུས་རྒྱུན་རེས་གཟའ་ཉི་མའི་ཉིན་ཕྲུ་གུ་ཚོར་བོད་ཀྱི་གཞས་དང་ཞབས་བྲོ་སྦྱོང་གཉེར་གྱི་མཐུན་འགྱུར་བཀོད་སྒྲིག་གིས་ཕྲུ་གུ་ཚོས་གཞས་དང་ཞབས་བྲོ་སྦྱོང་གཉེར་བྱེད་བཞིན་པ།


















