༢༠༢༣ ལོའི་སྐབས་གསུམ་པའི་སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས་ཀྱིས་ལོ་སར་དགོང་ཚོགས་ཤིག་གོ་སྒྲིག་ཞུ་རྒྱུར་རྒྱུན་ལས་གྲོས་འཆམས་ཐག་གཅོད་བྱུང་བ་བཞིན། བོད་ཀྱི་རིག་གཞུང་མི་ཉམས་རྒྱུད་འཛིན་དང་། བོད་མིའི་ནང་ཁུལ་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་ཡོང་ཐབས་དང། ས་གནས་ཀྱི་དཔལ་འབྱོར་འདུ་འགོད་སོགས་ཀྱི་དམིགས་སྒོར་གཞིར་བཞག་ཏེ། ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༢༧ ཉིན། མདོ་སྨད་པ་གཙོས་པའི་རྒྱ་ཆེའི་བོད་རིགས་སྤུན་ཟླ་ཚང་མ་མཉམ་ཞུགས་ཐོག་གཞི་གཅིག་ཏུ་བོད་རྒྱལ་ལོ་ ༢༡༥༡ རབ་གནས་ཤིང་འབྲུག་ལོའི་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་རྟེན་འབྲེལ་དུ་ལོ་སར་དགོང་ཚོགས་གོ་སྒྲིག་གཟབ་རྒྱས་གནང་།