ཞབས་རིམ་གནད་མིན་གསོག་སྒྲུབ་གྱི་ལས་རིམ་དངོས་གཞི་འགོ་འཛུགས།
འདི་ག་སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས་ནས། ཉེ་བའི་ཆར་གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་ཕེབས་དོན་བཞིན། ༸སྤྱི་ནོར་ ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལུགས་ལྟར་དགུང་གྲངས་ ༩༠ བཞེས་སྐབས་དང་བསྟུན་ ༸རྒྱལ་བའི་སྐུ་ཕྱྭ་དང་། བོད་བསྟན་སྲིད་བདེ་ཐབས། འབྱུང་བའི་གནོད་པ་ཟློག་ཐབས་དང་། སྤྱི་དོན་བསོད་ནམས་གསོག་སྒྲུབ་ཆེད་ཞབས་རིམ། མ་ཎི་ཡིག་དྲུག་དང་། སྒྲོལ་མའི་བསྟོད་པ་ཕྱག་འཚལ་ཉེར་གཅིག་མ། སྒྲོལ་མའི་གཟུངས་སྔགས། ༸རྒྱལ་བའི་མཚན་སྔགས། གསུམ་ཆེན་བདེན་པའི་རྔ་སྒྲ། མ་ཧཱ་གུ་རུའི་ཐུགས་དམ་གནད་བསྐུལ་བཅས་ཞབས་རིམ་གནད་མིན་གསོག་སྒྲུབ་ཀྱིས་གྲངས་ཐོ་བླངས་ཏེ། མི་འགྱངས་པར་ཞབས་རིམ་གསོག་སྒྲུབ་ཀྱི་སྒྲུབ་ཐོ་ཁག དུས་ཐོག་ཕྱོགས་སྡོམ་གྱིས་སྐུ་སྒེར་ཡིག་ཚང་དང་། འབྲེལ་ཡོད་ལྷན་ཁང་ཁག་ལ་འབུལ་རྒྱུའི་ཞབས་རིམ་གསོག་འདོན་གྱི་དངོས་གཞིའི་ལས་རིམ་འགོ་འཛུགས་དེ་ཕྱི་ལོ་ ༢༠༢༤ ཟླ ༣ ཚེས ༣༡ རེས་གཟའ་ཉི་མའི་ཞོགས་པ་ཆུ་ཚོད ༡༠ ནས ༡༤ བར། ཉིན་གུང་གསོལ་ཚིགས་སྟབས་བདེ་དང་བཅས་བཀའ་རྒྱུད་ཡོན་ཏན་རྒྱ་མཚོ་གླིང་དགོན་པར་གོ་སྒྲིག་ཞུས།