ལོ་རེར་འདི་ག་ས་གནས་སུ་མདོ་སྨད་པ་ཡོངས་གཞི་གཅིག་ཏུ་དགའ་སྐྱིད་ལྷན་འཛོམས་ཀྱིས་༸སྐུའི་འཁྲུངས་ལྷ་དབྱར་གསོལ་གཏོང་སྲོལ་ཡོད་པ་བཞིན། ཕྱི་ལོ་ ༢༠༢༡ ཟླ་བ་ ༩ པའི་ཚེས་ ༢༦ རེས་གཟའ་ཉི་མའི་ཉིན་བཀའ་བརྒྱུད་ཡོན་ཏན་རྒྱ་མཚོ་གླིང་དགོན་པར་མཆོད་འབུལ་སྨོན་ལམ་དང་སྟབས་བསྟུན་ཞོགས་པ་ཆུ་ཚོད་ ༩ ནས ༡༡ པར། སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས་ལྷན་འཛོམས་ཀྱིས་ད་ལོ་ཡང་༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དགུང་གྲངས་གྱ་དྲུག་ལ་ཕེབས་པའི་སྐུའི་འཁྲུངས་ལྷ་དབྱར་གསོལ་གོ་སྒྲིག་ཞུ་ཕྱོགས་ཀྱི་མགོ་འཇུག་བར་གསུམ་གྱི་ལས་དོན་ཚགས་ཚུད་ཡོད་སླད་བགྲོ་གླེང་གྲོས་བསྡུར་དང་ལས་བགོས་གཏན་འབེབས་བྱས།