༢༠༢༦ ལོའི་སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས། སྐབས་བཞི་པ།

སྐབས་གསུམ་པའི་སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས་ནས་ལས་ཁུར་དུས་ཡུན་༼༢༠༢༣ ནས་ ༢༠༢༦༽ བར་ལོ་ངོ་ཧྲིལ་བོ་གསུམ་གྱི་རིང་། སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས་ཀྱི་སྒྲིག་གཞི་གཞིར་བཟུང་མཆོག་གསུམ་དཔང་བཙུགས་ཀྱིས། བོད་མིའི་སྒྲིག་འཛུགས་ཀྱི་གཏན་ལ་ཕབ་པའི་སྲིད་ཇུས་དང་། མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་བཀའ་ཁྱབ་ལམ་སྟོན། སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས་ཀྱི་སྒྲིག་གཞིའི་འབྲི་དོན་བཞིན་བོད་སྤྱིའི་རྩ་དོན་དང་ས་གནས་མདོ་སྨད་མི་མང་གི་བདེ་སྡུག་སོགས་ལས་ཁུར་ཞུ་སྒོ་མཐའ་དག་ལ་རང་དོན་ཕྱོགས་ལྷུང་དང་། འཇིགས་ཞུམ་ཆགས་སྡང་མེད་པར། དྲང་བདེན་ལྷག་བསམ་ཟོལ་མེད་ཀྱིས་འབད་བརྩོན་ཧུར་ཐག་བྱས་ཤིང་། ནང་བཀྲ་ཤིས་ཤིང་། ཕྱིའི་དོན་འགྲུབ་པའི་ཐོག་ནས། ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༢༣ རེས་གཟའ་སྤེན་པའི་ཉིན་ ༧ སྐུའི་འཁྲུངས་ལྷ་དབྱར་གསོལ་ཆེན་མོའི་ཐོག གསར་དུ་འདེམས་ཐོན་བྱུང་བའི་སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས་སྐབས་བཞི་བའི་རྒྱུན་ལས་རྣམ་པར་། རྩིས་སྤྲོད་ལེན་རིམ་སོང་གིས། སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས་ཀྱི་སྒྲིག་གཞི་གཞིར་བཟུང་སྐབས་བཞི་བའི་རྒྱུན་ལས་རྣམ་གྱིས་མཆོག་གསུམ་དཔང་བཙུགས་ཀྱིས་ལས་འཁུར་དམ་བཅའ་བཞེས།