སྤྱི་ལོ ༢༠༡༨ ཟླ ༩ ཚེས ༧ ཉིན་བོད་དོན་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་མ་ཡུམ་ལྡོམ་པོ་སྐྱིད་སྐུ་གྲོངས་བའི་ཡིད་སྐྱོའི་གནས་ཚུལ་བྱུང་བ་བཞིན། འདི་ག་སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས་ཀྱི་གོ་སྒྲིག་འོག་སྦེལ་ལྗམ་གནས་བཞུགས་བོད་རིགས་མི་མང་ལ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་དང་། ཁོང་གི་ནང་མི་སྤུན་མཆེད་ཡོངས་ལ་གདུང་སེམས་མཉམ་བསྐྱེད་མཚོན་བྱེད་ཀྱི་མཆོད་འབུལ་སྨོན་ལམ་ཞིག དེ་རིང་རེས་གཟའ་ཉི་མའི་ཞོགས་པའི་ཆུ་ཚོད ༡༠ ནས ༡༤ བར་བཀའ་བརྒྱུད་ཡོན་ཏན་རྒྱ་མཚོ་གླིང་དགོན་པར་གོ་སྒྲིག་ཞུས།