སྐུ་མགྲོན་གཙོ་བོ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ངོ་དོན་གཅོད། རིན་འཛིན་ཆོས་སྒྲོན་མཆོག་གིས་གཙོས་པའི་ཚོགས་པ་ཁག་གི་ཚོགས་གཙོ་གཞོན་རྣམས་བྱོན་པ་ལེགས་དང་། ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུས་རྗེས། བོད་པའི་ཕྲུ་གུ་དག་བོད་པ་གཙང་མ་ཞིག་ཏུ་གསོ་སྐྱོང་བྱེད་དགོས་པའི་སྐོར་གྱི་གལ་གནད་དང། མདོ་སྨད་ལ་ཤེས་ཡོན་ཅན་མང་པོ་ཡོད་སྟབས་གཟའ་སྤེན་པ་དང་ཉི་མའི་བོད་ཡིག་སློབ་གྲྭར་དགེ་རྒན་ངེས་པར་གནང་དགོས་པའི་འབོད་སྐུལ། དེ་བཞིན་བོད་དོན་དྭངས་བླང་ཞུ་གཏུགས་ལ་མཉམ་ཞུགས་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན་པའི་སྐོར། བོད་མི་ནང་ཁུལ་གྱི་ཆིལ་སྒྲིལ། བོད་རིགས་ཚོགས་པའི་འོས་བསྡུ་ལ་ཚང་མས་ངེས་པར་ཆ་ཤས་ལེན་དགོས་པ་སོགས་ཀྱི་ཐོག་ལ་གཏམ་བཤད་གནང་།