དཔལ་ལྡན་རང་གཞུང་སྐུ་ཚབ་དོན་ཁང་གི་སྐུ་ངོ་རིག་འཛིན་ཆོས་སྒྲོན་མཆོག་དང་འབྲེལ་ལས་ཡོངས་སྦེལ་ལྗམ་མདོ་སྨད་གནས་རྒྱུན་ལས་སྐབས་གསུམ་པས་གོ་སྒྲིག་གནང་པའི་ལོ་སར་སྤྲོ་ཚོགས་ལ་མགྲོན་འབོད་གནང་བ་བཞིན། སྐུ་ངོ་མཆོག་དང་རྩིས་པ་ནོར་ལྡན་ལགས་རྣམ་གཉིས་འཕེབས་བཅར་གྱིས། སྐུ་ངོ་མཆོག་ནས་སྐུ་མགྲོ་གཙོ་བོའི་གཏམ་བཤད་དུ། ང་ཚོ་འདིར་ཡོད་པའི་བོད་པ་ཚོ་སྐྱབས་བཅོལ་བ་ཡིན་ན་ཡང་སྦེལ་ལྗམ་ལ་ཡོད་པའི་བོད་པ་ཚོས་རང་གི་བྱིས་པ་ཚོ་ལ་བོད་ཡིག་སློབ་གསོ་དང་བོད་ནང་ལ་བོད་ཡིག་སྦྱོང་རྒྱུའི་རང་དབང་མེད་ལྟ་བུ་མ་ཡིན་རང་གི་བུ་ཕྲུག་ཚོ་ལ་བོད་སྐད་ཡིག་གི་སློབ་སྦྱོང་སྤྲད་དགོས་པ་གལ་ཆེན་རེད་ཅེས་དང། ལྷག་པར་དུ་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ལ་བསམ་ཤེས་དང་བཀའ་སློབ་དག་སེམས་སུ་ཉར་དགོས་པ་དང་ལག་ལེན་སྟར་ཤེས་པ་གནང་རྒྱུ། ཚོགས་སྐྱིད་སུ་ཞིག་གིས་ལས་འགུལ་སྤེལ་བ་ཡིན་ན་མཉམ་ཞུགས་གནང་དགོས་སྐོར་སོགས་ཀྱི་ལམ་སྟོན་དང་། ད་དུང་། ན་གཞོན་བོད་དོན་དང་བླངས་ཞུ་གཏུགས་མཁན་ཚོར་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ནན་པོ་ཞུས་སོང་། གཞན་ཡང་། ཡོརོབ་གྲོས་ཚོགས་སུ་བོད་ནང་གི་གཏན་འཇགས་སློབ་གྲའི་སྐོར་ལ་གྲོས་ཆོད་གཅིག་འཇོག་ཐུབ་སོང་བ་སོགས་ཀྱི་གཏམ་བཤད་སྙིང་བསྡུས་སུ།
ཉེ་དུས་ཀྱི་རྩོམ་ཡིག་ཐོན་གསར།
༢༠༢༦ ལོའི་སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས། སྐབས་བཞི་པ།ཟླ་བདུན་པ། 28, 2026
༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག་དགུང་གྲངས་ ༩༡ བཞེས་པའི་ ༧ སྐུའི་འཁྲུངས་སྐར་སྲུང་བརྩི།ཟླ་བདུན་པ། 23, 2026
༢༠༢༦ ལོའི་མདོ་སྨད་ལོ་སར་སྤྲོ་ཚོགས།ཟླ་གསུམ་པ། 1, 2026
༄༅། །བཀུར་འོས་སྦེལ་ལྗམ་དུ་གནས་བཞུགས་མདོ་སྨད་པ་གཙོས་པའི་བོད་རིགས་སྤུན་ཟླ་ཡོངས་ཀྱི་སྙན་ལམ་དུ།ཟླ་ལྔ་པ། 12, 2025
སྦེལ་ལྗམ་མདོ་སྨད་ས་གནས་ཀྱི་ཚོགས་ཆེན་བསྐོང་ཚོགས།ཟླ་ལྔ་པ། 8, 2025