འདི་ག་སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས་ནས་ཆོལ་གསུམ་མི་མང་ཡོངས་ལ་གསལ་བསྒྲགས་སྔོན་སོང་བཞིན། སྦིར་སུལ་གནས་བཞུགས་འདས་པོ་རྒྱལ་ལོ་དམ་པ་ཁོང་གི་ཆེད་དུ་མཆོད་འབུལ་སྨོན་ལམ་ཞིག ཕྱི་ལོ་ ༢༠༢༡ ཟླ་བ་ ༩ པའི་ཚེས་ ༢༦ རེས་གཟའ་ཉི་མའི་ཞོགས་པ་ཆུ་ཚོད ༡༡ ནས ༡ པར་བཀའ་བརྒྱུད་ཡོན་ཏན་རྒྱ་མཚོ་གླིང་དགོན་པར་གོ་སྒྲིག་ཞུས།

སྤྱིར་སྦེལ་ལྗམ་དུ་གནས་བཞུགས་མདོ་སྨད་པའི་ཁྲོད་དུ་མི་སུ་ཞིག་འདས་གྲོངས་སུ་ཕྱིན་སྐབས་མདོ་སྨད་པའི་ཁྱིམ་ཚང་རེ་ནས་ཡོ་སྒོར་ཉི་ཤུ་བསྡུ་རུབ་ཀྱིས་མཆོད་འབུལ་སྨོན་ལམ་དང་དགེ་རྩ་བསྒྲུབ་སྲོལ་ཡོད་པ་བཞིན། སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས་ཀྱི་ངོས་ནས་དམ་པ་ཁོང་གི་ཆེད་དུས་དང་རྣམ་པ་ཀུན་དུ་མཐུན་འགྱུར་རོགས་རམ་གང་ཐུབ་བྱས་པ་དང་། བཀའ་བརྒྱུད་ཡོན་ཏན་རྒྱ་མཚོ་གླིང་དགོན་པར་ཆོལ་གསུམ་མི་མང་ཡོངས་ལ་མཆོད་འབུལ་སྨོན་ལམ་དང་། དམ་པ་ཁོང་གི་ནང་མི་དང་ཐུན་མོང་ནས་མི་མང་ལ་ཉིན་གུང་གསོལ་ཚིགས་ཤིག་གོ་སྒྲིག་ཞུས།