
སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས།
www.dhomay.be
Welkom op onze Fotogalerie
RVDB vzw organiseerde op zondag 08 april 2018 een gebedsmoment in Tibetaans Instituut in schoten ter nagedachtenis van Tsekho en andere martelaren die hun leven voor Tibet hebben opgeofferd.
༸ གོང་ས་ཡིད་བཞིན་ནོར་བུ་དགུང་གྲངས ༨༣ ལ་ཕེབས་པའི་སྐུའི་འཁྲུངས་ལྷ་དབྱར་གསོལ་གྱི་མཛད་སྒོ
༄༅། །བོད་རྒྱལ་ལོ ༢༡༤༥ བོད་ཟླ ༤ བའི་ཚེས ༡༩། སྤྱི་ལོ ༢༠༡༨ ཟླ་བ ༦ པའི་ཚེས ༢ རེས་གཟའ་སྤེན་པའི་ཉིན། ༸ གོང་ས་ཡིད་བཞིན་ནོར་བུ་དགུང་གྲངས ༨༣ ལ་ཕེབས་པའི་སྐུའི་འཁྲུངས་ལྷ་དབྱར་གསོལ་གྱི་མཛད་སྒོའི་སྐབས་ཀྱི་རྣམ་པ།
བོད་དོན་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་མ་ཡུམ་ལྡོམ་པོ་སྐྱིད་སྐུ་གྲོངས་བར་མཆོད་འབུལ་སྨོན་ལམ་གོ་སྒྲིག་ཞུས།
སྤྱི་ལོ ༢༠༡༨ ཟླ ༩ ཚེས ༧ ཉིན་བོད་དོན་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་མ་ཡུམ་ལྡོམ་པོ་སྐྱིད་སྐུ་གྲོངས་བའི་ཡིད་སྐྱོའི་གནས་ཚུལ་བྱུང་བ་བཞིན། འདི་ག་སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས་ཀྱི་གོ་སྒྲིག་འོག་སྦེལ་ལྗམ་གནས་བཞུགས་བོད་རིགས་མི་མང་ལ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་དང་། ཁོང་གི་ནང་མི་སྤུན་མཆེད་ཡོངས་ལ་གདུང་སེམས་མཉམ་བསྐྱེད་མཚོན་བྱེད་ཀྱི་མཆོད་འབུལ་སྨོན་ལམ་ཞིག དེ་རིང་རེས་གཟའ་ཉི་མའི་ཞོགས་པའི་ཆུ་ཚོད ༡༠ ནས ༡༤ བར་བཀའ་བརྒྱུད་ཡོན་ཏན་རྒྱ་མཚོ་གླིང་དགོན་པར་གོ་སྒྲིག་ཞུས།
མདོ་སྨད་རྔ་པ་རྨེའུ་རུ་མའི་རུ་ཆེན་ལྔ་པ་ནས་ཡིན་པ་ཚེ་ཁོ་ལགས་ཀྱི་ཆེད་དུ་ཞེ་དགུའི་མཆོད་འབུལ་སྨོན་ལམ་བཀོད་སྒྲིག་ཞུས།
འདི་ག་སྦེལ་ལྗམ་མདོ་སྨད་ས་གནས་རྒྱུན་ལས་ཀྱིས་ ༢༠༡༨ ཟླ་ ༣ ཚེས་ ༤ ཉིན་ཨ་མདོ་རྔ་པ་རྨེའུ་རུ་མའི་རུ་ཆེན་ལྔ་པ་ནས་ཡིན་པ་ཚེ་ཁོ་ལགས་ཀྱིས་གཙོས། ད་བར་དུ་བོད་བསྟན་པ་ཆབ་སྲིད་དང་། རང་དབང་འཐབ་རྩོད་ཆེད་སོའི་ལུས་སྲོག་ལོངས་སྤྱོད་ཐམས་ཅད་བློས་བཏང་གནང་མཁན་རྒྱལ་གཅེས་དཔའ་པོ་དཔའ་མོ་དག་ལ་གདུང་སེམས་མཉམ་བསྐྱེད་ཆེད་མྱ་ངན་རྗེས་དྲན་དང་། ཞེ་དགུའི་མཆོད་འབུལ་སྨོན་ལམ་ཞིག་རེས་གཟའ་ཉི་མའི་ཞོགས་པ་ཆུ་ཚོད་ ༡༠།༠༠ ནས་ཉིན་རྒྱབ་ཆུ་ཚོད་ ༡༣།༠༠ བར། བཀའ་བརྒྱུད་ཡོན་ཏན་རྒྱ་མཚོ་གླིང་དགོན་པར་བཀོད་སྒྲིག་སྲུང་བརྩི་ཞུས།